Mother Nature’s Cry— A Story of Sexual Assault Victim

Chokey Tenzin Protest

To Begin With…. My name is Tenzin chokey and I live in New York city. I am here by, in my full consciousness writing this to bring, by and large, awareness to the people of Tibetan community living in India and across the globe. The main purpose of my writing is to give strength and courage to the victims of sexual assault to speak up against …

Read more

Chokey Sempa སྔོན་མ་ནས་ཁྱེད་ལ་དགའ་མྱོང་ལ། ད་ལྟ་ལྷག་ཏུའང་ཁྱེད་ལ་དགའ་སོང་།

སྔོན་མ་ནས་ཁྱེད་ལ་དགའ་མྱོང་ལ། ད་ལྟ་ལྷག་ཏུའང་ཁྱེད་ལ་དགའ་སོང་། རྩོམ་པ་པོ། ཨ—བསྟན་འཛིན་བྲག་དཀར། ལོ་དུས་ཏག་ཏག་ཅིག་སེམས་ངོགས་སུ་གསལ་བོ་མི་འདུག་མོད། ཕལ་ཆེར་ཉིས་སྟོང་ལྔའི་ལོ་ཡིན་པ་འདྲ། དེ་དུས་གཞས་མ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་ཚིག་དང་དབྱངས་གསར་རྩོམ་བྱས་པའི་<<སེམས་པ་>>ཞེས་འོད་སྡེར་ཞིག་ཐོག་མར་བོད་པའི་སྤྱི་ཚོགས་ནང་བཀྲམས་པ་དེར། སྟོབས་ཅན་མང་པོ་ཉན་པ་ཡིན། ཡང་ཡང་ཉན་པ་ཡིན། ཧ་ཅང་སྙན་པོ་བྱུང་སོང་། ང་ལ་བག་ཆགས་ཟབ་མོ་བཞག་སོང་། མ་ཟད་བོད་པའི་སྤྱི་ཚོགས་ནང་ནས། གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་སྙེག་པའི་བུད་མེད་ཀྱི་ཕྱོགས་ནས་བཤད་ན། བསྟན་འཛིན་ཆོས་སྐྱིད་ནི་སྐབས་དེ་དུས། རྩེ་གྲས་ཤིག་དང་། ཕུལ་བྱུང་ཞིག་ལ་ཁོང་མོའི་སྐད་ངག་གི་སྒྱུ་རྩལ་གྱིས་གོ་གནས་དེར་རང་བཞིན་གྱི་བཞག་སོང་། དེ་ནི་ཁོང་མོའི་གླུ་གཞས་སྒྱུ་རྩལ་ལ་ནུས་པ་ཡོད་པ་གསལ་བོ་མཚོན་ནོ།། སྐབས་དེར་རྩོམ་པ་པོ་ང་རང་ལ་ཆ་བཞག་ན། ཆོས་སྐྱིད་སེམས་པའི་གླུ་གཞས་སྒྱུ་རྩལ་གྱིས་སྟོབས་ཅན་ངའི་སེམས་པ་བཀུགས་མྱོང་ལ། ང་སེམས་ཀྱི་གཏིང་ནས་ཁོང་མོའི་གླུ་གཞས་ལ་སེམས་པ་ཐེངས་མང་པོ་ཤོར་མྱོང་། མ་ཟད་དེ་དུས་བསྟན་འཛིན་ཆོས་སྐྱིད་ལ་མཚོན་ན། གཟུགས་དང་ལང་ཚོའི་དཔལ་ཡོན་རྣམ་པར་བཞད་པའི་དུས་ཚོད་ཅིག་རེད་ཨང་། ང་ཁོང་མོ་ལས་ལོ་ན་ཏོག་ཙམ་ཆུང་བ་ཡིན་པའི་རྐྱེན་གྱིས། ཁོང་མོ་གླུ་གཞས་གར་སྟེགས་མང་པོ་ནས་མཇལ་མྱོང་ཡང་། ང་རང་གི་སེམས་ཀྱི་དགའ་ཚོར་དེ་ཁོང་མོ་ལ་ནམ་ཡང་བསྟན་མ་ཕོད། གང་ལྟར། ལོ་ཤས་རྗེས་ནས་ངས་བསྟན་འཛིན་ཆོས་སྐྱིད་ལགས་རྦད་དེ་བོར་སོང་། གོ་ཐོས་སུ་ཨ་རིར་བཞུགས་ཡོད་པ་འདྲ། ངའི་རེ་སྒུག་གི་ལོ་ཟླ་དེ་དག་ཁོང་མོ་གཏན་ནས་ཤེས་མེད་རུང་། ངས་ང་རང་གི་སེམས་ཀྱི་ཚོར་བ་དེ་ཧ་ཅང་རྒྱུས་མངའ་ཡོད་པས་ན། ང་ནི་ང་རང་གི་བརྩེ་བ་ལ་སྤོབས་པ་འཕེལ་སོང་། ངས་ཡིད་ཆེས་བྱ་སའི་མི་དེ་ནོར་མེད་པ་ཧ་ཅང་གི་དགའ་བོ་བྱུང་སོང་། ན་ནངས་ཀྱི་ལོ་སྟེ། ཉིས་སྟོང་ཉི་ཤུ་རྩ་གཉིས་ཀྱི་ལོ་དེར་ངའི་སེམས་ཁོང་གི་གཞས་མ་བསྟན་འཛིན་ཆོས་སྐྱིད་ལགས་གློ་བུར་དུ་དྲ་ལམ་དུ་ཐོན་སོང་། དེའང་བུད་མེད་ཀྱི་ལས་དབང་སྒོམ་ནས་སྔོན་ལ་ཐོན་སོང་། དྲང་བདེན་གཙུགས་སུ་བཟུང་ནས་མདུན་དུ་ཐོན་སོང་། སྐད་ཆ་དྲང་མོར་བཤད་ནས་ཤར་སེ་ཐོན་སོང་། ས་ཁུངས་ལུང་ཁུངས་ཀྱི་གུ་དོག་གི་བསམ་བློ་དོར་ནས་ཐོན་སོང་། བརྟག་དཔྱད་ཞིབ་འཇུག་གི་རྒྱ་མ་བཟུང་ནས་ཐོན་སོང་། དཀར་ནག་དབྱེ་འབྱེད་ཀྱི་ཤེས་རབ་ལ་དཔལ་ཡོན་འབར་ནས་ཐོན་སོང་། ཧམ་པ་དང་རྫུན་མའི་མགོ་ལ་བདེན་པ་བསླངས་ནས་ཐོན་སོང་། གཞུང་དང་བོད་མིའི་སྤྱི་མཐུན་གྱི་ལ་རྒྱ་བཟུང་ནས་ཐོན་སོང་། ༧གོང་ས་མཆོག་ལ་ཤེས་ནས་དད་པ་ཡོད་པའི་སྒོ་ནས་ཐོན་སོང་། གཡོ་སྒྱུ་ཁྲམ་གསུམ་གྱི་ལྭ་བ་ཕུད་ནས་ཐོན་སོང་། མདོ་ཁམས་ཀྱི་དྲང་ཚུགས་བཟུང་ནས་ཐོན་སོང་། དེ་བས་ན། ང་ནི་ང་ཆུང་དུས་ཀྱི་ཆེས་དགའ་སའི་གཞས་མ་བསྟན་འཛིན་ཆོས་སྐྱིད་ལ་ད་ལྟ་ལྷག་ཏུ་དགའ་སོང་། དད་སོང་། སྤོབས་པ་བསྐྱེད་སོང་། ང་རང་དགའ་སའི་མི་དེ་ནོར་མེད་པའི་དཔང་རྟག་དེ་རེག་སོང་། ངོ་མ་བཀའ་དྲིན་ཆེའོ།། ངའི་སེམས་ཁོང་གི་སྒྱུ་རྩལ་མ་ལགས། ཁྱེད་ནི་ནམ་ཡང་ངའི་གླུ་གཞས་སྒྱུ་རྩལ་དང་དྲང་བདེན་གནས་ལུགས་ཀྱི་རྒྱབ་རི་དེ་ཡིན་ནོ།། ང་ནི་ཁྱེད་ཀྱི་རྒྱབ་མདུན་ན་དུས་རྟག་ཏུ་ཡོད་དོ།། 2023/10/14 …

Read more

Chokey Tenzin ཡང་བསྐྱར་ཁྱེད་ཀྱི་སྤོབས་པ་རྣམ་གསུམ་དེ་ཡི་གེར་བྲིས་ཡོད།

ཡང་བསྐྱར་ཁྱེད་ཀྱི་སྤོབས་པ་རྣམ་གསུམ་དེ་ཡི་གེར་བྲིས་ཡོད། རྩོམ་པ་པོ། ཨ—བསྟན་འཛིན་བྲག་དཀར། ༡༽ མཛངས་མ་བསྟན་འཛིན་ཆོས་སྐྱིད་ལགས་ཁྱེད་རང་གི་དྲང་ཚུགས་དང་། གོ་རྟོགས། གདེང་སྤོབས་དེར་བསམ་གཞིག་བྱེད་སྟངས་རེར། བོད་ཁམས་ཕྱོགས་ལ་མཛངས་མའི་བུ་མོ་ཁྱེད་དང་ཁྱེད་འདྲ་བ་ཡོད་པ་ནི། བོད་མདོ་ཁམས་མི་དམངས་ཀྱི་གཟི་བརྗིད་དང་ལ་རྒྱ་རེད་ཨང་། ཡིན་ནའང་ཡིད་སྐྱོ་བ་ཞིག་ལ་ཆོལ་ཁ་དང་ལུང་ཚན་གྱི་ན་ཚས་བཟི་ཚར་བའི་མི་ཁ་ཤས་ཀྱིས་ཁྱེད་ཉིད་ཀྱི་རིན་ཐང་དེ་ནམ་ཡང་རྟོགས་མདོག་ཁ་བོ་མ་རེད། དེའང་མི་སྐྱོན། ཁོ་ཚོ་ནི་ཉི་མའི་འོད་སྣང་མི་མཐོང་བའི་སྲིན་འབུ་མེ་ཁྱེར་གྱི་སྐྱེ་བ་རེད། དེ་ལ་ཡ་མཚན་དགོས་པ་དང་ཡིད་ཕམ་དགོས་པའི་གནས་བབ་གང་ཡང་མི་འདུག ང་དང་ང་འདྲ་བ་ནི་དུས་རྟག་ཏུ་ཁྱེད་རང་གི་རྒྱབ་མདུན་ན་མཐའ་གཅིག་ཏུ་ཡོད་དོ།། ༢༽ གནད་ལ་འཁེལ་ཞིང་གནས་ལུགས་གསལ་བའི་ཁྱེད་རང་གི་གསུང་བཤད་ཁག་གིས། བཙན་བྱོལ་མི་དམངས་གཉིད་ལས་སད་དུ་བཅུགས་སོང་། དེ་ཡང་ཁྱེད་རང་གི་མཁྱེན་རྒྱ་དང་ཉམས་མྱོང་། སྤྱི་སེམས་སོགས་ཀྱི་སྟོབས་ལས་བྱུང་བ་ནི་སྨོས་མ་དགོས་པ་རེད་ཨང་། འོན་ཀྱང་དུས་རྟག་ཏུ་ཉེས་སྐྱོན་འཚོལ་བ་ལས་བཟང་ཕྱོགས་སྣ་གཅིག་མི་མཐོང་བའི་མི་ཐལ་ཤལ་བ་རེ་ཤས་ཀྱིས་ཁྱེད་རང་ལ་སྐྱོན་བརྗོད་དང་ཉེས་འཛུགས་ཀྱི་མགོ་བརྩམས་རུང་། མཇུག་སྐྱོང་མི་ཐུབ་པའི་མི་བདེན་རྫུན་བསྒྲིགས་རྐྱང་རྐྱང་གི་ཀུན་སྤྱོད་དེ་དམར་ཧྲང་སེ་ཕྱི་ལ་རང་གིས་རང་ཉིད་བཤམས་སོང་། ཡ་རེ་ང་། སྙིང་རྗེའི་གནས་ཁོ་ན་ལས་མ་འདས་སོ།། ༣༽ ཁ་གསལ་ཞིང་གོ་རྒྱུ་ཡོད་པའི་ཁྱེད་རང་གི་སྔ་ཕྱིའི་གསུང་བཤད་ཁག་ལ། བཙན་བྱོལ་གཞུང་དམངས་གཉིས་དང་། ལྷག་པར་དུ་ཚོགས་སྒེར་སྐྱིད་ཁག་ཚང་མས་དོ་སྣང་དང་མཉམ་འཇོག་བྱེད་རན་པའི་དུས་བབ་ཅིག་ཡིན་པ་ནི། རྩོམ་པ་པོ་ངས་མ་བཤད་ཀྱང་ཀུན་གྱི་ཐུགས་ལ་གསལ་བོ་ཡིན་པའི་ཡིད་ཆེས་ཡོད། ད་དུ་ཁ་ཇེ་གསལ་དུ་བཏང་ནས་བཤད་ན། ཆོལ་ཁ་དང་སྲིད་ཟུར་སོགས་ཀྱི་ཕྱོགས་ཁག་ལ་ལངས་ཏེ། བོད་མིའི་ནང་ཁུལ་ལ་ང་ངར་ཁྱོད་ངན་གྱི་ཚིག་གི་རྩོད་པ་རྣོ་ངར་ཆེ་བའི་དུས་སྐབས་འདི་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དྲ་ལམ་ན་ཕྱོགས་ཁག་ཕྱོགས་རིས་ཀྱི་འཁོར་ལོ་བསྐོར་བཞིན་པའི་དུས་འདི་ལྟ་བུ་ཞིག་ལ། རང་ཚུགས་བརྟན་ཞིང་སྤྱི་སེམས་ཆེ་བའི་མཛངས་མ་ཁྱེད་དང་ཁྱེད་ལྟ་བུ་ནི་ལྷག་ཏུ་མཁོ་གལ་ཆེའོ།། ༤༽ ཁྱེད་རང་ལྟ་བུའི་བཙན་བྱོལ་སློབ་གྲྭ་ཁག་གི་ནང་ལ་དགེ་རྒན་ག་ཚོད་ཡོད་དམ། བཤད་ཕོད་པ། སྒྲུབ་ཕོད་པ། བསམ་ཕོད་པ་སྤོབས་པ་རྣམ་གསུམ་ལྡན་མཁན་གྱི་དགེ་རྒན་ག་ཚོད་ཡོད་དམ། དེ་མཚུངས་གཞུང་ཞབས་པ་དང་ཚོགས་སྒེར་ཁག་གི་དབུ་ཁྲིད་ནང་ལ་ཁྱེད་འདྲ་བའི་མིག་རྒྱ་ཅན། སྤྱི་སེམས་ཅན། གཏན་ཚུགས་ཅན་ག་ཚོད་ཡོད་དམ། འདས་པའི་ལོ་གཅིག་གི་ནང་ལ། ཁྱེད་རང་གི་གསུང་བཤད་རིམ་པར་བཞིན་མ་ཆད་མ་ལུས་པར་ད་ལྟའི་བར་ཉན་ཡོང་དུས། ཁྱེད་རང་གི་རྣམ་དཔྱོད། ལྷག་བསམ། རང་ཚུགས། སྤྱི་སེམས་བཅས་མཐོང་ཐེངས་རེར། བཙན་བྱོལ་སྤྱི་ཚོགས་ནང་ལ་མངོན་གསལ་དོད་པོའི་སྒོ་ནས་ཁྱེད་འདྲ་བའི་བོད་ཀྱི་བུད་མེད་བརྒྱ་ཙམ་ཡོད་རྒྱུ་ན། ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས། ང་ཚོའི་མཐུན་སྒྲིལ་གྱི་སྟོབས་ཤུགས། ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་བརྟན་ལྷིང་། མི་རབས་གསར་བའི་མདུན་བསྐྱོད་སོགས་ལ་སེམས་ཁྲལ་རྩ་བ་ནས་མི་དགོས་པ་རེད་ཨང་། ༥༽ མདོར་ན། ང་ཡང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། …

Read more

སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས། གྲོས་ཚོགས་ཚོགས་དུས་ ༦ པར་བལྟས་པའི་མྱོང་ཚོར་ཟུར་གསུམ་མ།

༄༄། །སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་               ཚོགས་དུས་ ༦ པར་བལྟས་པའི་མྱོང་ཚོར་ཟུར་གསུམ་མ། ང་ནི་གྲྭ་བ་མིན་ལ་གྲྭ་ལོག་མིན།། བཀའ་ཟུར་སྤྱི་ཟུར་སོགས་ཀྱི་མིང་ཡང་མེད།། ཟླ་དྲུག་རེ་རེའི་སྤྱི་འཐུས་ཚོགས་འདུ་ལ།། ཞིབ་ལྟ་བྱེད་པའི་གོམས་གཤིས་ང་ལ་ཡོད།། གཙང་ཤོག་སྲུང་ཤུབས་ཐ་མག་འཇུག་སྣོད་རེ།། ཕྲག་པར་དཔྱང་མཁན་བཀུར་འོས་སྤྱི་འཐུས་ཚོ།། གྲོས་ཚོགས་ཁང་པའི་ཕྱོགས་སུ་བསྐྱོད་པ་མཐོང་།། སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་བྱུང་།། ལོ་འགའི་སྔོན་ནས་གྲོས་ཚོགས་འཁྲུག་ཆ་དོད།། ཏོག་དབྱིབས་ནད་དུག་བོའུ་ཧན་གྲོང་ནས་མཆེད།། མིས་བཟོས་ཡིན་པ་ཡོངས་སུ་ཁྱབ་ན་ཡང་།། སྤྱི་འཐུས་རེ་འགས་རང་བྱུང་གནོད་འཚེར་འགྲེལ།། མིས་བཟོས་གནོད་འཚེ་རང་བྱུང་གོད་ཆགས་དབར།། རྒྱུན་ཤེས་རགས་པའི་གོ་བ་མ་ལོན་པར།། ཁྲིམས་ཁང་རྩ་གཏོར་བཏང་པའི་ལོ་རྒྱུས་ཡོད།། ད་ཐེངས་ཡག་པོ་ཡོང་བའི་སྨོན་ལམ་འདེབས།། མཁྲེགས་འཛིན་ཆེ་བའི་ཆོས་བརྒྱུད་སྤྱི་འཐུས་གཅིག། ཤེས་ཚད་ཞན་པའི་གསར་འབྱོར་སྤྱི་འཐུས་གཉིས།། གྲོས་ཚོགས་ར་བའི་ནང་གི་ཞན་ཆ་ཡིན།། ད་རེབ་བར་ཆད་མེད་པར་ཕྱག་འཚལ་ལོ།། འོས་གྲངས་བརྒྱ་ཅན་སྨོན་ལོག་བོན་འཐུས་འདི།། མེ་ཧྤེར་མགྲོན་ཁང་ནང་ལ་འགྲོ་དོན་དང་།། རྒྱ་ནག་གཞུང་ཚབ་མཉམ་དུ་ཐུག་ཡོད་མེད།། བྲིས་པའི་ཉིན་དེབ་ནང་ན་མི་གསལ་ཟེར ། རྒྱ་གར་གསང་ལས་ཁང་ནས་བརྡ་ཞིག་ཐོན།། བདེ་དོན་རྒྱ་རི་སྒྲོལ་མ་འཚབ་ཞིག་ལངས།། གྲོས་ཚོགས་ར་བའི་སྒོ་ནས་བརྡའ་ཞིག་བསྟན།། འདྲི་རྩད་ཐོག་མའི་དབུ་ཁྱུད་འདི་ལྟར་བྲིས།། ཉིན་གཉིས་རྗེས་ཀྱི་གྲོས་ཚོགས་ར་བའི་ནང་།། གདུང་སེམས་མཉམ་སྐྱེལ་ལས་རིམ་ལོག་སྤྱོད་པས།། ཟམ་གདོང་བླ་མར་སྐུར་འདེབས་ཚད་མེད་བྱས།། རང་ཉིད་ཡོད་ཚད་ཡིན་པའི་བརྡ་ཞིག་བསྟན།། བླ་མར་བསྙོན་ལ་སེམས་ནས་མི་བཟོད་མཁན།། དཔའ་སྙིང་ཅན་གྱི་ཟླ་བ་ཕུན་སྐྱིད་ལགས།། ཏོག་སེ་ཡར་ལ་ལངས་ནས་མདའ་ཞིག་འཕངས།། རྒྱ་ལ་འབྲེལ་བ་ཡོད་པའི་ཤྭ་ཞིག་བསད།། དོགས་ཅན་སྨོན་ལོག་གདོང་ལ་རྩ་ཆེན་རྒྱས།། མདུན་གྱི་རྒྱ་ཅོག་སྒང་ལ་ཤུགས་ཀྱིས་བརྡབས།། ང་ལ་རྒྱ་མིའི་སོ་བར་འབོད་པ་འདི།། དོན་དག་ཆུང་ཆུང་མིན་ཞེས་འུར་ཀྱིས་བསྒྲགས།། གཞན་ལ་བསྙོན་འཛུགས་བྱེད་རྒྱུར་ངོ་ཚ་མེད།། རང་ཉིད་དཀར་འདོན་བྱེད་པའི་སྤོབས་པ་མེད།། ཉིན་དེབ་རྫུན་མ་འགྲེལ་བའི་དག་འབུད་ལུགས།། …

Read more

Appeal Letter to TPiE ཁྲིམས་སྒྲིགས་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ།

Appeal Letter to TPiE ༈ དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་ཁྲིམས་སྒྲིགས་བསྐྱར་བཅོས་ཚོགས་ཆུང་གི་ཚོགས་གཙོས་དབུས་ལྷན་རྒྱས་ཀྱི་དྲུང་དུ། ཆེད་ཞུ། ཕྱི་ལོ་༢༠༢༣ ཟླ་༧ ཚེས་༡༧ ཉིན་གྱི་གསལ་བསྒྲགས་ནང། (ཚོགས་པ་དང་མི་སྒེར་སུ་ཐད་ནས་ཁྲིམས་སྒྲིགས་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་མཆིས་ཚེ་ཡིག་ཐོག་ནས་ཕྱི་ལོ། ༢༠༢༣ ཟླ་ ༩ ཚེས་༢ མང་གཙོའི་དུས་ཆེན་བར་ཚོགས་དྲུང་ལས་ཁུངས་བརྒྱུད་འབུལ་དགོས་) ཞེས་པའི་དགོངས་དོན་བཞིན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཚོགས་པའི་མི་མང་ཐུན་མོང་ནས་གཤམ་འཁོད་དོན་མཚན་དྲུག་པོ་འདི་དག་ཐད་དགོངས་བཞེད་ཀྱིས་བཅའ་ཁྲིམས་སྐྱར་བཅོས་ངེས་པར་དུ་གནང་རྒྱུའི་རེ་བ་ཡོད། དང་པོ། སྤྱི་ནོར་༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བོད་མི་རྣམས་ལ་གསོལ་རས་བསྩལ་བའི་ཀ་བ་གསུམ་ལྡན་གྱི་མང་གཙོའི་ལམ་ལུགས་ཡང་དག་པ་དེ་ད་ལྟ་སྣུམ་ཟད་ཀྱི་མར་མེ་བཞིན་དུ་གྱུར་པའི་གནས་སྟངས་འདིའི་རྒྱུ་རྐྱེན་གང་ཡིན་ལེགས་པར་དཔྱད་ན། འབྱུང་ཁུངས་ཀྱི་རྩ་བ་ནི་བཙན་བྱོལ་བོད་མི་རྣམས་ལ་རང་ཉིད་ཀྱི་ཆོལ་ཁ་དང་ཆོས་རྒྱུད་སྤྱི་འཐུས་འོས་གཅིག་གྱུར་མེད་པ་དེའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པ་ནི་འདས་པའི་ལོ་བཅུའི་ནང་༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་དུ་ཤར་བསྐྱོད་བྱེད་མཁན་ཞིག་དང་། བོད་མི་མང་དང་། བོད་མིའི་སྒྲིགས་འཛུགས་སྟེ་སྤྱི་པར་བསམ་བློ་ཡོད་པའི་རྣམ་དཔྱོད་དང་ལྡན་པ་དག་གིས་མཐོང་ཆོས་སུ་སྒྲུབ་པ་ནི་སྨྱོན་དུ་མེད་པས་འདིར་ཞུ་དོན་གཙོ་བོ་ནི་བོད་མི་ལོ་བཅོ་བརྒྱད་ཡན་རང་དབང་བདེན་པའི་ལག་དེབ་ལྗང་ཁུ་ཡོད་པ་རྒྱལ་ཁབ་དང་ལུང་པ་གང་དུ་ཡོད་མེད་ཁྱད་མེད་ཐོག་གདམ་བྱ་འདེམས་བྱེད་ཀྱི་སྤྱི་འཐུས་འོས་གྲངས་གཅིག་གྱུར་ངེས་པར་དུ་བཟོས་ནས་བཅའ་ཁྲིམས་ནང་བཀོད་དགོས། གཉིས་པ། ཆོལ་ཁའི་སྤྱི་འཐུས་འདེམས་ཕྱོགས་ཐད་དཔལ་ལྡན་སྲིད་སྐྱོང་གི་འོས་ཤོག་ཆོལ་གསུམ་དབྱེར་མེད་མི་མང་བྱིང་ནས་འདེམ་མཆོག་པ་བཞིན། ཆོལ་ཁ་རེ་རེའི་སྤྱི་འཐུས་ཀྱང་ཆོལ་གསུམ་མི་མང་ཡོངས་རྫོགས་ནས་འོས་གཅིག་གྱུར་གྱིས་འདེམས་ཆོག་པའི་བཅའ་ཁྲིམས་ལ་སྒྱུར་བཅོས་ངེས་པར་དུ་གནང་ཐུབ་པ་ཅིས་ཀྱང་ཞུ། གསུམ་པ། ལར་ནས་ཆོས་རྒྱུད་སྤྱི་འཐུས་རྣམས་དེ་སྔ་དགོས་འཁོ་ལ་བསྟུན་ནས་འཇོག་པར་ཡང་། ད་ཆ་བོད་པའི་སྤྱི་ཚོགས་ནང་དགེ་འདུན་པ་རྣམས་ཆབ་སྲིད་ཀྱི་མདུན་ན་དོན་ནས་ཕྱག་ལས་གནང་དུས་མི་མང་བྱིངས་ལ་མི་ཕན་པའི་ཁར། ཆོས་སྤོངས་ཀྱི་ལས་གསོག་པའི་རྒྱུ་རུ་འགྲོ་རྒྱུ་དེ་ཁོ་ན་ལས་བོད་སྤྱི་པ་ལ་ཕན་པའི་ཕྱག་ལས་གནང་བ་ཞིག་ངེས་དོན་དུ་དུ་ཡོང་གི་མི་འདུག་པས་མདོར་ན་ཆོས་རྒྱུད་ཁག་གི་སྤྱི་འཐུས་རྩ་བ་ནས་དགོས་ཀྱི་མེད། བཞི་པ། གལ་སྲིད་ཆོས་རྒྱུད་སྤྱི་འཐུས་ཀྱི་འོས་བསྡུ་ནི་གྲྭ་བཙུན་ཙམ་ལ་དམིགས་གསལ་མིན་པར་མི་མང་བྱིངས་ལ་འོས་ཤོག་ཕེན་རྒྱུའི་ཐོབ་ཐང་གཅིག་གྱུར་ཡོད་དགོས། གང་ལགས་ཞེ་ན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རང་རང་མོས་ཕྱོགས་ཀྱི་ཆོས་ལུགས་མེད་པ་གཅིག་ཀྱང་ཧ་ལམ་མེད་ལ། ཆོས་རྒྱུད་སྤྱི་འཐུས་ཀྱང་བྱེད་ཆོག་པ་དང་དེ་སྔ་བྱེད་མྱོང་བ་ཡིན་པས་ཕྱོགས་གང་ནས་བལྟས་ཀྱང་སྐྱ་སེར་དབྱེར་མེད་འོས་གཅིག་གྱུར་བཟོ་རྒྱུ་དེ་བོད་མི་སྤྱིའི་ཐོབ་ཐང་ལགས་པས་བཅའ་ཁྲིམས་ལ་འགྱུར་བ་ངེས་པར་དུ་གཏོང་དགོས་པས་དེ་ལུགས་དགོངས་བཞེད་ཡོད་པ་ཞུ། ལྔ་པ། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་བགྲེས་ཡོལ་དུ་ཕེབས་པ་ནས་དུས་ད་བར་ཁྲིམས་ཞིབ་པ་ཆེ་བའི་ཞབས་བཀྱགས་དེ་ཁ་བསྐོང་མ་ཐུབ་པར་ལུས་པ་དང་གཅིག དེ་བཞིན་གྲོས་ཚོགས་སྐབས་གཉིས་རིང་དཔལ་ལྡན་བོད་མི་མང་གྱི་བཀའ་ཤག་ནང་བཀའ་བློན་གཉིས་གསར་དུ་བསྐོ་མ་ཐུབ་པར་སྟོང་པར་ལུས་པ་འདི་དག་སྤྱི་འཐུས་ལྷན་ཁང་གྱི་མཛད་གཙོ་རྣམ་པའི་ཐུགས་འགན་ཉག་གཅིག་ཡིན་པ་སོང་ཙང་ད་ལམ་ཁྲིམས་ཞིབ་པ་ཆེ་བ་དང་བཀའ་བློན་གྱི་ས་མིག་རྣམས་ངེས་པར་དུ་ཁ་སྐོངས་ཐུབ་པ་ཅིས་ཀྱང་ཞུ། དྲུག་པ། བཀའ་སྤྱི་གཉིས་ཀྱི་དམ་འབུལ་ཞུ་རྒྱུ་ནི་དེ་སྔ་བོད་མིའི་བཅའ་ཁྲིམས་ནང་གསལ་བཞིན་ཚིགས་དོན་ལ་ལོག་བཤད་མེད་པར་ཚིགས་ཟིན་ཇི་བཞིན་དམ་འབུལ་ཞུ་རྒྱུ་དེ་འགྱུར་བ་མེད་པར་འཇོག་པའི་རེ་བ་ཞུ་རྒྱུ་ལགས་སོ།། ཕྱི་ལོ་༢༠༢༣ ཕྱི་ཟླ་་་་་་་་་་ཚེས་་་་་་་་་་ཉིན་རེ་འབྲས་སྨིན་པའི་འདུན་པ་དང་བཅས་ཕུལ། མིང་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་འདུས་ཚོགས་ནས། ངོ་ཤུས་འབུལ་ཡུལ། ༡) དགའ་ལྡན་ཕོ་བྲང་ཡིག་ཚང་། ༢) བཀའ་ཤག …

Read more

Tibetan Women’s Association-Samyeling’s Exploitation of a Significant Occasion

Tibetan Women's Association

Introduction The Tibetan Women’s Association recently marked the propitious 34th birthday of His Holiness the 11th Panchen Lama at MajnukaTilla Samyeling settlement in Delhi. This day holds immense significance for Tibetans both within and outside Tibet, as it serves as a reminder of the sacrifices made by the 10th Panchen Lama for the Tibetan people. …

Read more